[00:00.000] 作词 : 马克图布 [00:01.000] 作曲 : 马克图布 [00:02.000] 编曲 : 马克图布 [00:22.356]ཉིན་ཞིག [00:24.578]བདག་རོ་པོ་ཡང་སྐྱར་འདི་ཚང་མི་ཤ་ཟ་བའི་བྱ་རྒོད་ལ་བྱིན། [00:26.079]གལ་ཏེ། [00:27.152]སང་ཉིན་བདག་ནི་འདས་སོང་ན་ཇི་ལྟར། [00:28.645]ཉི་མཡང་སྐྱར་ཤར་ནས་འཆར། [00:30.166]ཆར་བ་ཡང་སྐྱར་གནམ་ནས་འབབ། [00:31.667]ཁྱོད་ཡང་ཕོ་ཞིག་བཙལ་ནས [00:33.397]གཉེས་བསྒྲིགསབྱིས་སྐྱེལ་ཨ་མ་བྱེད། [00:34.392]འོན་ཀྱང་། [00:36.032]ང་རང་ཁྱོད་ལ་བརྩེ་བ་ཟབ་མོ་ཡོད། [00:38.517]གལ་ཏེ་བདག་ནི་སྤོ་ལོ་ལ་མཁས་ཤིང་། [00:41.199]གཟུགས་པོ་བདེ་ཐང་སྟོབས་ཤུགས་ལྡན་པ་ཞིག་ཡིན། [00:42.639]དེ་ཕོ་ང་ཡིན། [00:43.762]འོན་ཀྱང་། [00:44.636]དེ་ཚང་ནི་རྨི་ལམ་ཞིག་ཡིན་ལ། [00:45.982]ལྦུ་བ་ལྟ་ཁབ་བའི་གད་སོང་། [00:48.217]བདག་ཡང་དགོད་བྲོ་ཟློས་གར་ནང་གི་མི་སྣ་གཙོ་བོ། [00:50.410]བདག་ནི་སྤོས་པ་མེད་པ།བསམ་ཚུལ་མེད་པ། [00:51.668]ཤ་བརྒྱགས་སྣུམ་མང་ཕོ། [00:53.436]འཛམ་གླིང་དེ་འདྲ་ཆེན་པོ། [00:55.928]ང་ལྟ་བའི་མི་བརྩི་ཉམས་མི་ཐུབ། [00:58.455]ཡིད་ཆེས་པ་མིན་ལ་ཡིད་ཆད་བ། [01:01.234]བདག་ནི་hip hopའབད་ཞིང་དྲི་ལན་མི་འདུག [01:03.882]ཇི་ལྟར་འབད་བརྩོན་བྱེད་ན་ཐོན་མཁན་མི་འདུག [01:05.653]འཕྱ་མོད་དང་མཐོང་ཆུང་མ་གཏོད་མཐོང་བ་མི་འདུག [01:10.000]ང་རང་rapperཞིག་ཡིན་པ་གླུ་དབྱངས་སྙན་པོ་བྱེད་ཐུབ། [01:13.328]དོགས་པ་འདྲི་བའི་མི་ལ་མིག་དཔེ་བྱེད་བའི་ཆེད། [01:17.415]ཇི་ལྟར་བྱེད་ན་ངའི་འདོོད་ཡོན་ཚིམ་པ། [01:21.141]hiphopལམ་ཐོག་ཏུ་འགྲོ་བའི་གམ་པ།རེ་རེ། [01:23.642]རེ་བ་བྱིན་བའི་ཁྱོད་ཀྱི་དོ་འཇོག་མི་བྱེད་བའི་སྐུ་འདེབས། [01:26.296]སེམས་ལ་བཞག་པསhiphopགླུ་དབྱངས་བའི་མེ་ཏོག་བཞད་པ། [01:28.320]ངའི་དེད་པ། [01:31.776]宋岳庭,tupac,eminem,hmFunk [01:34.153]མང་ཆེན་ཤོག་བདེ་བ་ཅན་གྱི་ཞིང་ཁམས་ལ [01:35.526]གཞས་མ་གཏམ། [01:38.336]ཡང་སྐྱར།དར་སྤེལ།རྒྱུ་འཛིན་བྱེད་ཡིད་སྲིད། [01:41.006]འོན་ཀྱང་དེ་ཚང་གཟུགས་པོ་གང་སོང་ཆ་མེད་འགྱུར། [01:43.618]ཡོད་པ་ནི་རོལ་དབྱངས་རེ་རེ་དང་hiphopབླ་སྲོག [01:45.766]དེ་ལས་མེད་ལ།་ང་ཡང་ཁོ་ཚང་འདྲ་འདྲ། [01:48.251]ཉིན་ཞིག་འདི་མི་རྟག་འཇིག་རྟེན་བྲལ་བྲལ། [01:50.638]དེ་སྐབས།ཁྱོད་འགྲམ་སུ་ཡོད་ན་སྐྱིད་མ་རོགས། [01:53.472]དཔེ་དེབ་སློབ་ཚན་ནང་གི་བདེ་སྐྱིད་ནི་ཅི་ཞིག་ཡིན། [01:55.754]ང་ད་ནི་འདྲི་ལན་ཡོད་ལ། [01:58.359]ཁྱོད་འགྲམ་སུ་ཡོད་པ་ང་རང་བདེ་སྐྱིད་ཡིན་པ། [02:00.704]བརྗེད་སོང་།དེ་ཆར་བ་འབབ་བའི་མཚན་མོ། [02:03.088]ཁྱོད་དང་སྐད་ཆ་ཙུང་ཟད་བཤད་རྗེས། [02:06.637]ཟླ་བ་གསུམ་མ་མཐོང་སྐད་ཆ་མང་པོ་བྱེད་རྒྱུ་ཡོད། [02:10.854]མི་གཅིག་སྤུ་རྒྱུ་མེད་རྒྱ་གྲོང་ལ་འཆམ། [02:14.060]ཆུ་འཐུང་བ་ལྟར་བུ་ཆམ་འཐུང་བའི་བཟི་སྣང་། [02:16.742]གཞན་དང་མི་མཐུན་ནས་ཁུ་ཚུར་དོག་དག་སེལ་བསམ། [02:19.593]མི་གཅིག་སྤུ་གནས་བའི་གླུ་ལེན་སྡོད་ཁང་། [02:21.780]ང་རང་དུས་ཚོད་སྔོན་དུས་ཕྱིན་སྙམ། [02:23.580]ཁྱོད་དང་མཉམ་དུ་གནས་པའི་སློབ་ཁང་། [02:25.565]ཁྱོད་ལ་བཤད་པའི་གད་ཤོར་གཏམ། [02:27.070]ཁྱོད་ཀྱི་སྐད་ཆ་བཤད་རྒྱུ་མང་། [02:29.646]དུས་རྒྱུད་དུ་མཛུམ་མདངས་ཞལ་དོག་གང་། [02:33.622]དེ་ཚང་མཐོ་རྒྱུད་རྫོགས་པ་ན་གང་སོང་ཆ་མེད་དུ་འགྱུར། [02:36.195]hiphopdreamཡང་སྐྱུར་སྙམ། [02:38.549]འོན་ཀྱང་པིར་གཟུག་སྐབས་ཐེ་ཚོམ་བྱེད། [02:41.665]ཕུགས་བསམ་མེད་པའི་མི་ནི་འཕྲུས་འཁོར་དང་གཉིས་སུ་མེད། [02:45.426]ཡོད་པ་ནི་སྔོན་དུས་ཀྱི་དྲན་ཤེས་དེ་ལས་མེད། [02:47.519]ལོ་ནར་དང་མཉམ་དུ།བརྗེད་སོང་། [02:50.178]དེ་མཚན་མོ།ང་ཚོ་མཐར་ཕྱིན་སོང་། [02:54.002]སྐད་ཕྲིན་ནང་གི་བརྡ་ཕྲིན་ཡང་ཉུང་ཉུང་འགྱུར། [02:57.511]སྔོན་དུས་བྱིས་པའི་རྣམ་པ་ཡང་ཐག་རིང་རིང་འགྱུར། [02:59.699]ཚབ་བེ་ཚུབ་བེ་རྒྱ་གྲོང་མཛེས་ལྗོངས་མགོ་ཡང་རྨོངས་པ། [03:02.678]གློག་སྒྲོན་དཀར་སེར་དམར་སྔོན་ལས་མིག་ཡང་ལོངས་པ། [03:08.866]མོ་ཊ་འབོད་སྒྲ།འཕྲུས་ཆས་རྒྱུ་སྒྲ།བྱིས་པའི་གད་སྒྲ་རྣ་ཡང་འོན་པ། [03:12.341]བདག་ནི་གླུ་དབྱངས་འདི་འདས་ཟིན་པའི་འཚོ་བ་ལ་བྲིས། [03:20.116]འཕུར་བའི་བྱིའུ།རྒྱུ་བའི་ཞི་ལ།བྲེལ་འཚུབ་བའི་སྐྱ་བོ།དེ་ལས་མཐོང་བ་མི་འདུག [03:22.311]འདི་ནི་གནམ་ལས་བྱུང་བའི་གཞས་མ་གཏམ། [03:24.496]བདག་ནི་འཚོར་སྣང་ཚང་མ་དེ་ནང་བཞག [03:27.558]བདག་ནི་གྲོང་སྡེ་ཟུར་སུ་འཆམ་བའི་གཞས་མ་གཏམ། [03:38.974]beatའདི་གཏོང་སྐབས།སྐད་གསང་མཐོན་པོ་བྱེད་དེ་ང་རང་ཡང་སྐྱར་ཡང་སྐྱར་གླུ་ལེན་འདི་རྒྱུ་མེད་ཀྱི་ཁྲོ་ལམ་སུ།ང་རང་དབང་གི་སྒོར་ནས། [03:40.926]ཁྱོད་ཐོས་བ་མ་གཏོང་ཆད་བ་མེད། [03:47.272]ཚེ་ཕྱི་མ་ཡང་སྐྱར་ཁུ་བྱུག་འགྱུར་ནས་ཁྱོད་བའི་ཟུར་སུ་གླུ་དབྱངས་འདི་ལེན། [03:48.891]བརྗེད་ཐབས་མེད་པའི་མཚན་མོ་རེ་རེ། [03:52.399]དྲན་དྲན་སྐབས་སུ་སེམས་ལ་འབྱུང་བའི་དོན་དག་རེ་རེ། [03:54.567]ཕ་མའི་དབུ་སྐྲ་དཀར་སོང་། [03:57.682]དེ་བསམ་སྐབས་དུས་ཚོད་རྒྱུ་བ་མང་། [04:02.543]གྲོགས་པོ་རྣམས་ཡང་སློབ་ཆེན་འགྲོ་ནས་ཁ་ལས་མི་འདུག [04:09.255]ངའི་ཟུར་སུ་སྔོན་དུས་ཀྱི་པར་ལེན་ཁ་ཤས་ཁ་པར་ནང་བཞག་བའི་video་དེ་ལས་མེད། [04:14.525]སྐབས་འགའ་ཉིན་མི་འོངས་བའི་མཚན་མོ་རེ་རེ། [04:17.164]ཡང་སྐྱར་repeatངའི་གཞས་མ་གཏམ། [04:21.456]བདག་ནི་གླུ་དབྱངས་འདི་འདས་ཟིན་པའི་འཚོ་བ་ལ་བྲིས། [04:28.744]འདས་ཟིན་པའི་མི་སྣ་ཚང་མ་དུས་ཚོད་དང་མཉམ་དུ་གང་སོང་ཆ་མེད་དུ་འགྱུར་སོང་། [04:32.254]ད་ནི་ང་ཅི་ཡང་ཟེར་བ་མི་འདོད། [04:38.318]དེ་ནི་ཚར་སོང་།ངའི་འཚོ་བ།དེ་འདྲ་ཡིན་འོ།